蓝地缠枝莲纹栽绒毯

缠枝莲又名“万寿藤”,是中国传统吉祥纹样,莲花则是圣洁的象征,因而缠枝莲花图案广受欢迎,它是人寿年丰的预兆,人们称纺织有这种图案的卡垫为江垫式。此毯手工编织,植物染色,其图案浅色勾边,采用冷暖对比和两晕色技法,纹饰雅丽多彩,亦不失庄重威严。
འདབ་འཁྲིལ་པད་མ་ནི་ཀྲུང་གོའི་སྲོལ་རྒྱུན་གྱི་བཀྲ་ཤིས་པའི་རི་མོ་ཞིག་སྟེ། དེས་བཀྲ་ཤིས་ཤིང་འབྱོར་བ་འཕེལ་བ་མཚོན། མེ་ཏོག་པད་མ་ནི་ནང་བསྟན་ཆོས་ལུགས་ནང་བླ་སྲོག་གི་འབྱུང་ས་དང་དྭངས་གཙང་ལྷད་མེད་ཀྱི་མཚོན་རྟགས་སུ་བརྩི་ཡི་ཡོད་པས་ན། དགོན་སྡེ་དང་དམངས་ཁྲོད་གང་དུ་ཡིན་རུང་རི་མོ་འདི་དར་སྲོལ་ཤིན་ཏུ་ཆེ། དེས་ཚེ་རིང་ལོ་ལེགས་ཡོང་བའི་སྨོན་འདུན་བཟང་པོ་མཚོན།བོད་རུམ་འདིའི་རྒྱུ་ཆ་ལེགས་པ་སྟེ། རྒྱུ་ཚང་མ་སྲིང་རྒྱུ་ཡིན་པ་དང་། སྤུན་ནི་བལ་ལས་གྲུབ། བོད་རུམ་དེ་ནི་ལག་བཟོས་བཏགས་རྫས་ཤིག་ཡིན་ཞིང་། རི་མོའི་འགྲོ་སྟངས་ཁ་གསལ་བ་དང་། སྤུ་རྩ་ཅུང་རིང་བ། རྩི་ཤིང་གི་ཚོས་བརྒྱབ་པ། ཚོན་མདོག་ཁམས་གཙང་བ། རུམ་ངོས་འོད་དང་ལྡན་པ་བཅས་ཡིན། རི་མོ་ནི་ཐར་ཐོར་དུ་གསལ་པོར་བརྒྱབ་ལ་ཚོས་གཞི་རྙོག་འཛིང་ཆེ། གཙོ་བོ་ཤིང་དམར་མདོག་དང་། སྔོན་པོ། སེར་པོ། ལྗང་གུ། དཀར་པོ་སོགས་སྤྱད་ཅིང་། མཐའ་རྒྱུད་དུ་སྐྱ་ཚོས་བཏང་བ་མ་ཟད། སྐྱ་སྣུམ་མཉམ་བསྡུར་དང་མདོག་གཉིས་མཉམ་འདོན་གྱི་ཐབས་རྩལ་སྤྱད་ཡོད་པས། རི་མོའི་ཚོན་མདངས་རྣམ་པར་བཀྲ་བ་གང་ཞིག བབ་ཆགས་ཉམས་དང་ལྡན་པ་ཞིག་ཏུ་སྣང་།
The pattern of interlock branch lotus is also called that of longevity vine, an auspicious pattern in Chinese tradition. Lotus is the symbol of sanctity and the patterns of interlock branch lotus are well-received as they are the omens of longevity and good harvests. The blanket of this pattern is said to be that of the Jiangdian style. This blanket was hand knitted, colored with plant dyeing. The pattern adopts cold and warm contrast and two color shading techniques to make it elegant and colorful without losing calmness and steadiness.