返回上一页

金质嵌宝石八角胸饰

PNG图像 6.png



      嘎乌一般挂在脖子上或斜挎于腰间,通常用金、银、铜三种金属材料制成形状和大小不一,其中男子用方形嘎乌,而女子用圆形嘎乌。在古代社会,佩戴嘎乌是藏民族一种重要的习俗,其来源应当与其游牧生活密切相关。此件嘎乌为卫藏妇女所佩戴的胸饰。

     གའུ་ཟུར་བརྒྱད་མ་འདི་ནི་དབུས་ཀྱི་བུ་མོའི་བྲང་ཁར་འདོགས་པའི་རྒྱན་ཆ་ཞིག་ཡིན་ཞིང་། ནམ་རྒྱུན་གསེར་དངུལ་ཟངས་ཀྱི་ལྕགས་རིགས་ཀྱི་རྒྱུ་ཆ་དང་། མུ་ཏིག་དང་། གཟི། སྤོས་ཤེལ། བྱུ་རུ་སོགས་རིན་པོ་ཆེ་བསྟར་ནས་སྤྱད་ནས་བཟོས་ཤིང་། དེ་ལ་བཟོ་ལྟ་དང་ཆེ་ཆུང་མི་འདྲ་བ་སྣ་ཚོགས་ཡོད། དེའི་ཁྲོད་དུ་སྐྱེས་པས་དབྱིབས་གྲུ་བཞིའི་གའུ་འདོགས་པ་དང་། བུ་མོས་དབྱིབས་སྒོར་མོའི་གའུ་འདོགས་པ་ཡིན།  གནའ་བོའི་སྤྱི་ཚོགས་སུ། གའུ་འདོགས་པ་ནི་བོད་མི་རིགས་ཀྱི་གོམས་སྲོལ་གལ་ཆེན་ཞིག་ཡིན་པས། དེའི་འབྱུང་ཁུངས་ནི་འབྲོག་པའི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད། གའུ་ནི་བོད་ཀྱི་བུད་མེད་ཚོས་བྲང་ཁར་འདོགས་པའི་རྒྱན་ཆ་ཞིག་ཡིན་ཞིང་། གའུ་ཡི་ངོས་སུ་གཡུ་འདྲ་མིན་གྱི་ཕྲ་རྒྱན་བཏབ་ནས། མེ་ཏོག་འདབ་མ་དང་ལོ་མ་སོགས་ཀྱི་དབྱིབས་སུ་བསྒྲིགས་པས། བཟོ་རྩལ་ཁྱད་དུ་འཕགས་ལ་ཤིན་ཏུ་རྩ་ཆེ་བ་ཞིག་ཡིན། 

     Ga’u is an accessory in different sizes and shapes hung on the neck or the waist. They are usually made of gold, silver or copper. The square ga’u is for men and round for women. In ancient Tibet, wearing ga’u was an important custom which should be closely related to their nomadism. This piece of Ga’u was for women living in the central area of Tibet.