返回上一页

木质方形谷物分离盘

“1021655188917_.pic_hd”的副本.jpg

       该展品为农耕地区的生产用具,在秋收时极为实用。西藏很多地方都有青稞与其他谷物混播的习俗,因种子混杂或种植不同谷物的农田位置邻近,秋收时该农具便可以在筛动谷物的过程中完成不同类谷物的分离。

       སྤྱིར་བཏང་ནས་བརྗོད་ན། ཞིང་ཁུལ་གྱི་ཐོན་སྐྱེད་ཡོ་བྱད་ཕལ་ཆེ་བའི་རྒྱུ་ཆ་དང་། བྱེད་ནུས། སྤྱོད་ཡུལ་གང་ཞིག་ཡིན་རུང་། སྤྱིའི་ཆ་ནས་འདྲ་པོ་ཤ་སྟག་ཡིན་པ་མ་ཟད། མང་ཆེ་བ་ཡོ་བྱང་སྤྱིར་བཏང་བ་རང་ཡིན། འབྲུ་རིགས་གསེས་གཞོང་ངམ་སྒྲིལ་གཞོང་འདི་ཡང་དེ་ལྟར་ཏེ། རྒྱུ་ཆ་དང་བཟོ་རྩལ་ཧ་ཅང་སྟབས་བདེ་ཡིན། འོན་ཀྱང་སྟོན་ཏོག་བསྡུ་བའི་དུས་སུ། འདི་ནི་ཤིན་ཏུ་ནས་གོ་ཆོད་པའི་ཐོན་སྐྱེད་ཡོ་བྱད་ཅིག་ཡིན། གང་ལགས་ཤེ་ན། བོད་ཀྱི་ས་ཆ་མང་པོར་ནས་དང་འབྲུ་རིགས་གཞན་པ་བསྲེས་ནས་འདེབས་སྲོལ་ཡོད་པ་དང་། སོན་རྒྱུ་འདྲེས་པའམ་ལོ་ཏོག་མི་འདྲ་བ་འདེབས་སའི་ཞིང་ཁའི་བར་ཐག་ཉེ་དྲགས་པའི་རྐྱེན་གྱིས་ཕན་ཚུན་འདྲེས་ཀྱི་ཡོད། དེས་ན་ཡོ་བྱད་འདི་སྟོན་ཐོག་བསྡུ་དུས་འབྲུ་རིགས་མི་འདྲ་བ་དེ་དག་དབྱེ་བ་གཙང་མ་གཅོད་པར་བཀོལ་བའོ།

      This is a piece of production equipment practical in autumn harvest for people living in agricultural areas. Many places in Tibet highland barley grows mixedly with other cereals. Because the seeds are mixed or the farmland of different cereals is adjacent, this wooden tray is used for screening different cereal grains in the process of sifting cereals after they are collected.