大慈法王像刺绣唐卡 明代

藏传佛教格鲁派创始人宗喀巴弟子释迦益西曾分别于1414年和1429年,两次应召前往北京觐见,并于1434年被宣德皇帝封为“大慈法王”,这件刺绣唐卡即是封授之后,宣德皇帝命宫廷制作并赏赐给他的刺绣像。
བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་སྲོལ་གཏོད་པ་རྗེ་ཙོང་ཁ་པའི་སློབ་མ་ཤཱཀྱ་ཡེ་ཤེས་ཀྱིས་1414དང་1429ལོར་གོང་མ་ཤོན་ཏེའི་གདན་ཞུས་ལྟར་པེ་ཅིང་དུ་སྔ་རྗེས་སུ་ཐེངས་གཉིས་ཙམ་ཕེབས་པ་དང་སྦྲགས། 1434ལོར་གོང་མ་ཤོན་ཏེས“བྱམས་ཆེན་ཆོས་རྗེ”ཞེས་པའི་མཚན་གསོལ། འཚེམ་དྲུབ་ཐང་ག་དེ་ནི་མཚན་གསོལ་རྗེས་གོང་མ་ཤོན་ཏེས་ཕོ་བྲང་དུ་བཞེངས་ནས་ཁོང་ལ་གསོལ་རས་གནང་བ་ཞིག་རེད།
Shikya Yeshe, the disciple of Tsongkhapa and the founder of the Sect Geluk of Tibetan Buddhism, was summoned twice to Beijing in 1414 and 1429 and was coronated as Byams-chen Chos-rje---the Great Benevolent Dharma King---by Emperor Xuande in 1434. This embroidered Thangkar of his portrait was made by the court and rewarded him by the emperor after the coronation.
ཤིང་ཕོར་ནི་བོད་རིགས་མི་དམངས་ཀྱིས་བཟའ་བཏུང་བྱེད་པར་བཀོལ་བའི་སྣོད་ཆས་གཙོ་བོའི་གྲས་ཤིག་ཡིན་པ་དང་། མི་ཚང་མར་མི་ཚེ་གཅིག་ལ་ཆེས་གཅེས་སུ་འཛིན་པའི་ཤིང་ཕོར་རེ་ཡོད། བཟོ་བྱའི་མ་རྒྱུ་དང་། ཐོན་ཡུལ། བཟོ་རྩལ་སོགས་ལ་གཞིགས་ནས་ཤིང་ཕོར་ལ་རིམ་པ་མི་འདྲ་བ་ཧ་ཅང་མང་པོ་ཡོད་དེ། ཤིང་ཕོར་ནང་ནས་རྒྱུ་སྤུས་ཡག་ཤོས་ནི་བོད་ཡུལ་ལྷོ་རྒྱུད་ནས་ཐོན་པའི་རྫབ་ཡ་ཡིན་པ་དང་། ཤིང་ཕོར་དེ་རང་ལ་དུག་སེལ་ནུས་པ་ལྡན་པ་མ་ཟད་ཕོར་རིས་ཞིབ་ཚགས་པ་དང་། བཟོ་ལྟ་འགྱུར་བའམ་ཡང་ན་རྡིབ་ཀྱོང་བྱུང་ན་བསྐྱར་གསོ་རང་སོར་བྱེད་ཐུབ། དེ་ནས་སྤེན་རྩ་ཡིན། དེ་ནི་རིས་ལྡན་སྤེན་མ་ལས་བཟོས་པ་ཞིག་ཡིན་པས། རྒྱུ་སྤུས་སྲ་ཞིང་མཁྲེགས། སྟོད་ཕོར་ནི་སྟོད་མངའ་རིས་དང་ཉེ་བའི་ལ་དགས་ཡུལ་ནས་ཐོན་པ་དང་། ཤིང་མཛེར་པ་ནི་ཤིང་གི་སྐྱོར་ཤིང་བཟོ་བའི་རྒྱུ་ཞིག་ཡིན། དེར་བརྟེན་མཛེར་པ་ལས་བཟོས་པའི་ཤིང་ཕོར་གྱི་རིན་ཐང་ནི་ལྡབ་འགྱུར་ཡིན། སྟག་པ་དང་ཤིང་སྤ་བ། ཤིང་སྡོང་མ་བཅས་ཀྱི་ཤིང་རྒྱུ་འདི་རིགས་ནི་བོད་ཡུལ་དུ་ཧ་ཅང་མང་བ་དང་བཟོ་སྣོན་བྱེད་སླ་བས། དེ་དག་ལས་བཟོས་པའི་ཤིང་ཕོར་གྱི་སྤུས་ཀ་ཞན་ཙམ་ཡིན།