返回上一页

བྱིས་པའི་ཉམས་ལེན་ཁང་

བོད་ལྗོངས་རྟེན་མཛོད་ཁང་གི་བྱིས་པའི་མྱོང་རོལ་ཁང་འདི་ཉིད་ནི་མཚོ་བོད་ས་མཐོ་དང་མི་རིགས་ས་ཁུལ་གྱི་བོད་ཁུལ་གནས་ཚུལ་ལ་དམིགས་ཞིང་། མཛོད་ཉར་རིག་དངོས་ཀྱི་ལེགས་ཆ་ལ་བརྟེན་པ་དང་། གསོན་ཉམས་དོད་པའི་མཉམ་འགུལ་ཉམས་ལེན་འགྲེམས་སྟོན་བྱེད་པའི་རྣམ་པ་བརྒྱུད་ནས། བོད་ལྗོངས་ས་ཁུལ་གྱི་ཡུན་རིང་བའི་ལོ་རྒྱུས་རིག་གནས་དང་། མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་བཅས་བྱས་པའི་ལོ་རྒྱུས་ཀྱི་དོན་དངོས་འགྲེམས་སྟོན་བྱས་ཏེ། ས་མཐོའི་སྐྱེ་ཁམས་ཁོར་ཡུག་ལ་བདག་སྐྱོང་བྱེད་པ་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན་པའི་འདུ་ཤེས་བརྒྱུད་སྤྲོད་བྱེད། མྱོང་རོལ་ཁང་ནང་འབྱུང་ཁམས་པང་དུ་ལེན་པ་དང་། མེས་རྒྱལ་གྱི་སྐྱེ་ཚལ་ར་བ། རིག་གནས་རྒྱུན་འཛིན། ལོ་རྒྱུས་གླེང་མོལ་བྱེད་པ། སྐར་ཚོགས་བཀྲ་བའི་ཟློས་གར་ཁང་། སྒྱུ་རྩལ་ལས་བཟོ་ཁང་དང་བཅས་པའི་ནུས་ལྡན་ཁུལ་དྲུག་ཡོད་པས། ལོ་ཆུང་གཞོན་ནུའི་གཟིགས་མོ་བ་རྣམས་ལ་ནང་དོན་ཕུན་སུམ་ཚོགས་པ་དང་རྣམ་པ་མང་བའི་མཉམ་འགུལ་ཉམས་ལེན་མཁོ་སྤྲོད་བྱེད་མུས་སུ་མཆིས།