返回上一页

ཉི་མའི་ངོགས་སུ་འཚོ་བའི་མི།

བོད་ཀྱི་དམངས་སྲོལ་རིག་གནས་འགྲེམས་སྟོན།

འགྲེམས་སྟོན་གྱི་གནས་ཚུལ་མདོར་བསྡུས། :འགྲེམས་ཁང་དེའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་2737དང་འགྲེམས་དངོས(ཆ་ཚང)700ལྷག་ཙམ་ཡོད། འགྲེམས་སྟོན་དེས “འཚོ་བའི་གོམས་སྲོལ”དང་། “ཐོན་སྐྱེད་ཀྱི་གོམས་སྲོལ”“དུས་ཆེན་གྱི་རིག་གནས”“དུས་རབས་ཀྱི་གཟི་འོད”བཅས་ཆ་ཤས་བཞི་ལ་བརྟེན་ནས་ས་མཐོའི་མི་དམངས་ཀྱི་དམངས་སྲོལ་གོམས་གཤིས་དང་། རིག་གནས་ཀྱི་ཁྱད་གཤིས། བསམ་པའི་ཉམས་འགྱུར། མཛེས་དཔྱོད་ཀྱི་འཛིན་ཕྱོགས་བཅས་ཐད་ཀར་མཚོན་པར་བྱས་ཏེ། ལྟད་མོ་བས་བོད་ཀྱི་དམངས་སྲོལ་རིག་གནས་ཀྱི་ས་ཁོངས་རང་བཞིན་དང་། མི་རིགས་རང་བཞིན། མཉམ་འདྲེས་རང་བཞིན། དུས་རབས་རང་བཞིན་བཅས་ལ་ཤེས་རྟོགས་ཐུབ་ཚད་ཟབ་ཏུ་འགྲོ་བ་དང་། ཕུན་སུམ་ཚོགས་ཤིང་སྣ་མང་རང་བཞིན་ལྡན་པའི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ལ་ངོས་འཛིན་གཏིང་ཟབ་ཐུབ་པར་མཐུན་རྐྱེན་སྦྱར་ཡོད་པ་དང་། རྒྱ་ཆེའི་ཀྲུང་ཧྭ་བུ་ཕྲུག་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས།