返回上一页

གངས་ལྗོངས་ཀྱི་སྙན་དབྱངས་རིང་མོ

བོད་ཀྱི་ལོ་རྒྱུས་དང་རིག་གནས་འགྲེམས་སྟོན།

འགྲེམས་སྟོན་གྱི་གནས་ཚུལ་མདོར་བསྡུས། :འགྲེམས་ཁང་དེའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་6288ཡོད་པ་དང་འགྲེམས་དངོས་(ཆ་ཚང)2600ལྷག་ཙམ་ཡོད། དེ་ནི་“གདོད་མའི་དུས་སྐབས”དང་། “ཐང་སུང་གི་དུས་སྐབས” “ཡོན་མིང་གི་དུས་སྐབས” “ཆིང་རྒྱལ་རབས་དང་མིན་གོའི་དུས་སྐབས” “ཏང་གི་འོད་ཟེར་མཐའ་མཚམས་མི་དམངས་ལ་འཕྲོས། མཐའ་མཚམས་མི་དམངས་ཀྱི་བློ་ཁ་ཏང་ལ་ཕྱོགས”བཅས་ཆ་ཤས་ལྔ་ལ་ཕྱེ་ཡོད། འགྲེམས་སྟོན་གྱིས་བོད་ཀྱི་ལོ་རྒྱུས་ཡུན་རིང་དང་འོད་སྟོང་འབར་བའི་ཤེས་རིག་བརྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་བྱས་པ་དང་། ཀྲུང་དབྱང་སྲིད་གཞུང་རིམ་བྱུང་གིས་བོད་ས་གནས་ཀྱི་བདག་དབང་སྤྱོད་པ་དང་། དེ་བཞིན་བོད་ཀྱི་མི་རིགས་ཁག་དང་རྒྱལ་ནང་གི་སྤུན་ཟླའི་མི་རིགས་ཁག་དབར་གྱི་སྤེལ་རེས་འགྲོ་འོང་དང་རིག་གནས་ཕན་ཚུན་སྤེལ་རེས་བྱས་ཚུལ་རྒྱས་བཤད་བྱས་པ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་གྱུར་དང་རྒྱལ་ཁབ་འཕེལ་རྒྱས་ལ་སྐུལ་འདེད། དེ་བཞིན་ཀྲུང་ཧྭའི་ཤེས་དཔལ་གསར་གཏོད་བཅས་ཀྱི་ལོ་རྒྱུས་འཕེལ་རིམ་ནང་ལེགས་སྐྱེས་རླབས་པོ་ཆེ་ཕུལ་ཚུལ་བཅས་རྒྱས་བཤད་བྱས་ནས། བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཁ་འབྲལ་དུ་མི་རུང་བའི་ཆ་ཤས་ཤིག་དང་། བོད་ཀྱི་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ལོ་རྒྱུས་ཀྱི་དོན་དངོས་གསལ་སྟོན་བྱས་ནས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་དང་རླབས་ཆེན་གྱི་གྲུབ་འབྲས་ཐོབ་པ་གང་ལེགས་མངོན་ཡོད།