返回主页

བོད་སྐད།

ལོ་ རྒྱུས་ བློ་ ལ་ ངེས་ ནས་ འབྱུང་ འགྱུར་ གསར་ གཏོད་ བྱེད་ ཆེད་ དང་ །        རྗེས་ རབས་ པ་ ཚོར་ ལོ་ རྒྱུས་ ཤེས་ རྟོགས་ ཀྱིས་ ཏང་ ལ་ དགའ་ ཞེན་ དང་ ལོ་ རྒྱུས་ ཤེས་ རྟོགས་ ཀྱིས་ མེས་ རྒྱལ་ ལ་ དགའ་ ཞེན་ བྱེད་ པའི་ སློབ་ གསོ་ གཏོང་ ཆེད།       བོད་ ཀྱི་ ཞིང་ བྲན་ ཁྲི་ ཚོ་ བརྒྱར་ བཅིངས་ འགྲོལ་ ཐོབ་ པའི་ དྲན་ གསོ་ ཁང་ འདི་ བཙུགས་ ནས་ ཏང་ གིས་ བོད་ ཀྱི་ མི་ རིགས་ ཁག་ གི་ མི་ དམངས་ ལ་ འགོ་ ཁྲིད་ མཛད་ དེ་ ཆོས་ སྲིད་ ཟུང་ འབྲེལ་ གྱི་ བཀས་ བཀོད་ རྒྱུད་ འཛིན་ ཞིང་ བྲན་ ལམ་ ལུགས་ ཀྱི་ ལྕགས་ སྒྲོག་ ཧྲུག་ ཆག་ བཏང་ བ་ དང་ གནམ་ ས་ བརྗེ་ བ་ ལྟ་ བུའི་ སྤྱི་ ཚོགས་ རིང་ ལུགས་ ཀྱི་ བོད་ གསར་ འཛུགས་ སྐྲུན་ བྱས་ པའི་ བརྗིད་ ཆེའི་ རྣམ་ པ་ གསོན་ ཉམས་ ལྡན་ པའི་ སྒོ་ ནས་ མངོན་ པར་ བྱ་ རྒྱུ་ དང་ །         བོད་ ཀྱི་ དཔལ་ འབྱོར་ དང་ སྤྱི་ ཚོགས་ འཕེལ་ རྒྱས་ ཀྱི་ གྲུབ་ འབྲས་ ཧ་ ཅང་ ཆེན་ པོ་ དང་ ལྷག་ དོན་ དུ་ སྤྱི་ ཁྱབ་ ཧྲུའུ་ ཅི་ ཞི་ ཅིན་ ཕིང་ གི་ མཐའ་ སྐྱོང་ བོད་ བརྟན་ གྱི་ རྣམ་ བཤད་ གལ་ ཆེན་ གྲུབ་ འབྲས་ ཐོན་ པའི་ སྒོ་ ནས་ ལག་ ལེན་ བསྟར་ བ་ གང་ ལེགས་ མངོན་ པར་ བྱ་ རྒྱུ།       ལྗོངས་ ཡོངས་ ཀྱི་ མི་ རིགས་ ཁག་ གི་ ལས་ བྱེད་ པ་ དང་ མང་ ཚོགས་ ཚོར་ བློ་ མཐུན་ ཞི་ ཅིན་ ཕིང་ གིས་ སྲོག་ ཤིང་ གནང་ བའི་ ཏང་ ཀྲུང་ དབྱང་ གི་ མཐའ་ འཁོར་ དུ་ སྔར་ བས་ མཐུན་ སྒྲིལ་ དམ་ ཟབ་ ཀྱིས་ ཐོག་ མའི་ བསམ་ འདུན་ མི་ བརྗེད་ པ་ དང་ ། འགན་ འཁྲི་ བློ་ ལ་ བརྟན་ པོར་ འཆང་ བ། ནམ་ ཡང་ འབད་ འཐབ་ བྱེད་ པ་ བཅས་ ཀྱི་ ཐོག་ ནས་ ཀྲུང་ ཧྭ་ མི་ རིགས་ རླབས་ ཆེན་ བསྐྱར་ དར་ གྱི་ ཀྲུང་ གོའི་ ཕུགས་ འདུན་ གྱི་ བོད་ ཀྱི་ ལེའུ་ ནུས་ ཤུགས་ ཡོད་ རྒུས་ བརྩོམ་ རྒྱུའི་ སློབ་ གསོ་ གཏོང་ རྒྱུ་ དང་ འབྲེལ་ ལྕག་ སྐུལ་ ཡང་ བྱ་ རྒྱུ་ བཅས་ ཡིན།