返回主页

简体中文

西藏博物馆于1999年10月落成开馆,2009年7月对外免费开放,是一座集收藏与保护、教育与研究、开放与服务为一体的综合性博物馆。

2017年由国家投资6.6亿元实施西藏博物馆新馆改扩建工程,总占地面积6.5万平方米,总建筑面积近6.31万平方米,新馆建设内容主要包括陈列展示区、藏品保管区、公共服务区、文物保护研究区、综合办公区等。整体建筑宏伟大气、沉稳庄重,突出了鲜明的时代感、创新性和民族特色。

西藏博物馆新馆以“特色藏品”“特色研究”“特色展览”“特色教育”“特色科保”“特色文创”为办馆理念,以铸牢中华民族共同体意识为主线,将西藏博物馆工作与我区“四件大事”紧密结合,全力打造高原城市会客厅,奋力谱写新时代西藏博物馆高质量发展新篇章。

西藏博物馆设有基本陈列《雪域长歌—西藏历史与文化》《离太阳最近的人—西藏民俗文化》,专题陈列《雪域丰碑——西藏革命文物》、西藏百万农奴解放纪念馆。同时为满足公众多样化的文化需求,还提供儿童体验馆、文创体验馆、多功能报告厅、4D影院、观景平台、咖啡餐饮等公共文化服务。

西藏博物馆馆藏文物体系完备,涵盖古今,品质精良,品类丰富,现藏品总数已达6万余件套(约52万件),主要有印信封诰、古籍文献、瓷器玉器、唐卡造像、牙雕漆器等类别藏品,其中珍贵文物4万余件套。

西藏博物馆是国家一级博物馆、国家AAAA级旅游景点,曾先后荣获“全国爱国主义示范基地”“全国民族团结进步教育基地”“全国文明单位”“国防教育示范基地”等称号。

         

         


བོད་སྐད།

 བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་1999ལོའི་ཟླ་10པར་བསྐྲུན་ནས་སྒོ་ཕྱེ་བ་དང་། 2009ལོའི་ཟླ་7པར་ཕྱི་ཕྱོགས་སུ་རིན་པ་མི་དགོས་པར་སྒོ་ཕྱེ་བ་ཡིན། དེ་ནི་ཉར་ཚགས་སྲུང་སྐྱོང་དང་། སློབ་གསོ་ཞིབ་འཇུག སྒོ་དབྱེ་ཞབས་ཞུ་བཅས་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་རང་བཞིན་གྱི་རྟེན་རྫས་བཤམས་མཛོད་ཁང་ཞིག་རེད། 

2017ལོར་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར་6.6བཏང་ནས་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭ་ལག་བསྟར་བྱས་ཤིང་། སྤྱིའི་ས་ཁྱོན་ལ་སྨི་ངོས་གྲུ་ཁྲི་6.5ཟིན་པ་དང་། སྤྱིའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་6.31ཙམ་ཟིན་པ། རྟེན་མཛོད་ཁང་གསར་པའི་འཛུགས་སྐྲུན་གཙོ་བོའི་གྲས་སུ་འགྲེམས་སྟོན་ཁུལ་དང་། གནའ་རྫས་ཉར་ཚགས་ཁུལ། སྤྱི་པའི་ཞབས་ཞུ་ཁུལ། རིག་དངོས་སྲུང་སྐྱོང་ཞིབ་འཇུག་ཁུལ། ཕྱོགས་བསྡུས་གཞུང་ལས་ཁུལ་སོགས་ཚུད་ཡོད་པ་རེད། བཟོ་བཀོད་ཧྲིལ་པོ་བརྗིད་ཉམས་ཆེ་ལ་བཀྲག་ཉམས་དོད་པ་དང་། དུས་རབས་ཀྱི་ཁྱད་ཆོས་དང་། གསར་གཏོད་རང་བཞིན། མི་རིགས་ཀྱི་ཁྱད་ཆོས་བཅས་མངོན་གསལ་དོད་པོར་མཚོན་ཡོད། 

 བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གིས“ཁྱད་ལྡན་གནའ་རྫས་ཉར་ཚགས”དང་། “ཁྱད་ལྡན་ཞིབ་འཇུག” “ཁྱད་ལྡན་འགྲེམས་སྟོན” “ཁྱད་ལྡན་སློབ་གསོ” “ཁྱད་ལྡན་ཚན་རྩལ་འགན་ལེན” “ཁྱད་ལྡན་རིག་གནས་གསར་གཏོད”བཅས་འགྲེམས་ཁང་གཉེར་བའི་འདུ་ཤེས་སུ་འཛིན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་གཙོ་རྐང་དུ་བྱེད་པ། བོད་ཀྱི་རྟེན་རྫས་བཤམས་མཛོད་ཁང་གི་ལས་དོན་དང་རང་ལྗོངས་ཀྱི“དོན་ཆེན་བཞི”ཟུང་འབྲེལ་དམ་ཟབ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་ས་མཐོའི་གྲོང་ཁྱེར་གྱི་སྣེ་ལེན་ཚོམས་ཆེན་གཏོད་ནས། དུས་རབས་གསར་པའི་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་བརྩམས་ཡོད། 

བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ《གངས་ལྗོངས་ཀྱི་སྙན་ངག་རིང་མོ།  བོད་ཀྱི་ལོ་རྒྱུས་དང་རིག་གནས》དང་《ཉི་མའི་ངོགས་སུ་འཚོ་བའི་མི། བོད་ལྗོངས་དམངས་སྲོལ་རིག་གནས་འགྲེམས་སྟོན》གྱི་གཞི་རྩའི་འགྲེམས་སྟོན་དང་། 《གངས་ལྗོངས་ཀྱི་མཛད་རྗེས་རྡོ་རིང་། བོད་ཀྱི་གསར་བརྗེའི་རིག་དངོས》དང་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་གི་ཆེད་སྒྲིག་འགྲེམས་སྟོན་ཁུལ་བཏོད་ཡོད།  དེ་དང་ཆབས་ཅིག སྤྱི་དམངས་ཀྱི་སྣ་མང་ཅན་གྱི་རིག་གནས་དགོས་མཁོ་སྐོང་ཆེད། ད་དུང་བོང་ལྗོངས་རྟེན་མཛོད་ཁང་བྱིས་པའི་མྱོང་རོལ་ཁང་དང་། རིག་གནས་གསར་གཏོད་མྱོང་རོལ་ཁང་། ནུས་མང་ཚོམས་ཆེན། 4Dགློག་བརྙན་ཁང་། ལྗོངས་གཟིགས་སྟེགས་བུ། ཀོག་ཧྥེ་དང་བཟའ་བཏུང་སོགས་སྤྱི་པའི་རིག་གནས་ཞབས་ཞུ་མཁོ་འདོན་བྱས་ཡོད། 

 བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་རིག་དངོས་ཉར་ཚགས་ཀྱི་མ་ལག་ཆ་ཚང་ཞིང་། གནའ་དེང་གི་ཁྱད་ཆོས་འབུར་དུ་ཐོན་པ་དང་། སྤུས་ཀ་དག་ལ་སྣ་ཁ་ཕུན་སུམ་ཚོགས་པ། མིག་སྔར་ཉར་ཚགས་བྱས་པའི་རིག་དངོས་ཆ་ཚང་ཁྲི་6(བསྡོམས་ཁྲི་52ཙམ)ལྷག་ཙམ་ཟིན་ཞིང་། གཙོ་བོ་ཐམ་ག་དང་། ཚད་ལྡན་དཔེ་རྙིང་། རྫ་ཆས་དང་གཡང་ཊི། ཐང་གའི་སྐུ་བརྙན། བ་སོའི་བརྐོས་མ་དང་ཚོན་རྩིའི་རྒྱུན་སྤྱོད་ཡོ་བྱད་རིགས་སོགས་ཉར་ཚགས་བྱས་པའི་ནང་། རྩ་ཆེའི་རིག་དངོས་ཆ་ཚང་ཁྲི་4ལྷག་ཙམ་ཡོད། 

བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རྟེན་རྫས་བཤམས་མཛོད་ཁང་དང་རྒྱལ་ཁབ་ཀྱི་AAAAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཞིག་ཡིན་ཞིང་། སྔ་རྗེས་སུ“རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་སློབ་གསོའི་དཔེ་སྟོན་རྟེན་གཞི”དང་། “རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞི” “རྒྱལ་ཡོངས་ཀྱི་ཤེས་དཔལ་ཚན་པ” “རྒྱལ་སྲུང་སློབ་གསོའི་དཔེ་སྟོན་རྟེན་གཞི”སོགས་ཀྱི་མཚན་སྙན་ཐོབ་ཡོད།


ENGLISH

 The Xizang Museum was inaugurated in October 1999 and opened to the public for free in July 2009. It is a comprehensive museum integrating collection and protection, education and research, as well as openness and service.

 In 2017, the state invested 660 million yuan to renovate and expand the museum. Covering a total area of 65,000 square meters with a total construction area of nearly 63,100 square meters, the new museum mainly includes a display area, collection storage area, public service area, cultural relics protection and research area, comprehensive office area, etc. The overall building looks magnificent, calm and solemn, highlighting the distinctive sense of the times, innovation and national characteristics.

 The newly built Xizang Museum, taking "Featured collection", "featured research", "featured exhibition", "featured education", "featured scientific protection" and "featured cultural innovation" as its concept and strengthening the sense of community of the Chinese nation as its main line, closely merges the work of the museum with the "four major events" of the region, makes every effort to build a plateau urban reception hall, and strive to write a new chapter of the high-quality development of the museum in the new era.

The basic exhibition of the Xizang Museum contains A Hymn for the Land of Snow---Xizang History And Culture and People Closest to the Sun---An Exhibition On Xizang Folk Culture. The special exhibition includes the Monuments of the Land of Snow---Xizang Revolutionary Relics and Memorial Hall of Xizang Serfs Emancipation. In order to meet the diverse cultural needs of the public at the same time, the museum also provides a children’s experience hall, a cultural and creative experience hall, a multi-function hall, a 4D cinema, a viewing platform as well as public services like café and canteen.

 The museum has a perfect cultural relics collection system with the contents of good variety and quality, covering the timeline from ancient to present. The quantity of its collectibles now reaches 60,000 sets (about 520,000 pieces), which are mainly seals, letters, written admonitions, ancient books and documents, porcelain and jade ware, Thangkar sculptures, ivory carvings, lacquer works and so forth. Among them, more than 40,000 pieces are precious cultural relics.     

Xizang Museum is a national first-class museum and a national 4-As tourist attraction. It has been successively entitled as a National Demonstration Base for Patriotism Education, a National Education Base for Ethnic Unity and Progress, a National Civilized Unit, a National Demonstration Base for Defense Education and other honorable titles.